རྒས་ཤིང་འཁོག་པའི་ང་ཚོའི་གནས་ཁང་སའི་གོ་ལ།

རྒས་ཤིང་འཁོག་པའི་ང་ཚོའི་གནས་ཁང་སའི་གོ་ལ།

སྙིང་ཉེ་བའི་གོ་ལའི་སྐྱེ་འགྲོ་རྣམ་པ་ལགས། ང་ཚོའི་གོ་ལ་འདི་ཉིད་ལོ་ངོ་ཐེར་འབུམ་༤་དུང་ཕྱུར་༥དང་བྱེ་བ་༤ལྷག་གི་སྔོན་ནས་གྲུབ་སྟེ་ཕལ་ཆེར་ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་གོ་ལའི་སྟེང་གི་ཤེས་པ་ཡོད་མེད་ཀྱི་་སྐྱེ་དངོས་སོགས་བྱུང་སྟེ་ད་ལྟ་བར་གནས་པ་རེད། ་ནི་ང་ཚོའི་གནས་ཚང་འདི་རྒས་ཤིང་འཁོག་ནས་ཞིག་ལ་ཉེ་ཞིང་། ང་ཚོའི་འཇིག་རྟེན་འདི་མིང་དོན་མཚུངས་པའི་འདུས་བྱས་ཡིན་པའི་རང་མཚང་སྟོན་ལ་ཉེ་བར་མ་ཟད། སྲིད་པ་འདིའི་རྟེན་གཞིའི་རྫོགས་ལ་ཉེ་བ་ཤེས་གསལ་རེད། དེ་ཕྱིར་ཉམས་ལེན་གྱི་ནུས་པ་ཡོད་ན་ཞིང་ཁམས་གཞན་དུ་འཕོ་རན་པ་རེད་ལ། སྟོབས་དང་རྫུ་འཕྲུལ་ཡོད་ན་གནས་ཁང་བརྗེ་རན་ཚོད་རེད། འཕྲུལ་བཟོའི་ལག་རྩལ་ཡོད་ན་མཁའ་འགྲུལ་གྱི་གོ་ལ་གསར་པ་ཞིག་ཏུ་སྤོ་རན་པ་རེད།

དེ་ལྟར་མ་བྱུང་ན་གནམ་ས་སྟེང་འོག་བརྗེ་བའི་མེ་རི་དང་དྲག་ཆར་གྱི་བརླབས་ཕྲེང་འདི་ནས་ང་ཚོ་དུས་ནམ་ཡང་ཐར་མི་སྲིད་ལ། རླུང་གསེབ་ཀྱི་མར་མེ་ལྟ་བུའི་ང་ཚོའི་ཚེ་སྲོག་འདི་བདག་པོ་བྱེད་མི་ནུས་པའི་གཉན་འཕྲང་ཞིག་གི་སོ་ཁ་ན། ལས་དང་ལན་ཆགས་ཀྱིས་ཁུར་གྱིས་ནོན་པའི་བསོད་ཟད་ང་ཚོ་ལྟ་བུའི་འཁོས་ཆུང་དག སང་ཉིན་འཇིགས་པ་གང་ཞིག་གི་གཞན་དབང་དུ་འགྱུར་རན་ཡོད་པ་སུས་བཤད་ནུས། ཡིན་ན་ཡང་ཉིན་གྱི་ལྟས་དང་མཚན་མོའི་ཆོ་འཕྲུལ་གྱི་མཚན་མ་བརྟགས་ཏེ་རྨོངས་ཚོད་ཙམ་བྱས་ན།

ང་ཚོར་མི་དབང་བའི་འདོད་རྔམ་དང་ང་ཚོས་སྤྱོད་ཡུལ་དུ་འགྱུར་མི་རུང་བའི་དམིགས་ཡུལ་འདི་ཡིས་དང་གཙང་གི་ཆུ་བོ་འབག་བཙོག་གིས་བསྒོས་པ་དང་། སྲ་བརྟན་གྱི་ས་གཞི་ལ་གས་ཆག་བཏང་ཟིན་པ་དང་། གཏོང་བཞིན་པ་རེད་ལ། མ་འོངས་པར་གཏོང་ངེས་རེད། རྒྱུ་མཚན་དེ་ཡིས་ང་ཚོའི་རྟེན་གཞིར་འདེགས་ནུས་བྲལ་བའི་ལྕིད་ཀྱིས་མནན་པ་དང་། བཟོད་ཐབས་བྲལ་བའི་འགས་གཏོར་གྱིས་ཚོད་ལྟ་བྱས་དྲག་པའི་སྦྱོར་བ་འདིས་གོ་ལ་འདི་རྡོ་རྗེ་ཕ་ལམ་ལས་གྲུབ་པ་ཞིག་ཡིན་རུང་ཞིག་རལ་དུ་གྱུར་བའི་དུས་ལ་བབ་པ་རེད་ལ། འབྱུང་བཞི་ཆ་མཉམ་པའི་གོང་བུ་དེ་ལ་མི་རུང་བའི་ནད་སྣ་ཚོགས་ཀྱིས་དཀྲུགས་དྲག་པས་འཐོར་དུ་འགྲོ་ལ་ཉེ་བ་རེད།

དེ་དག་ནི་ང་ཚོས་རྒྱུན་དུ་ཡིད་སྨོན་འཆོར་སའི་ཚན་རིག་པ་དག་གིས་བྱས་པ་རེད་ལ། མིང་དང་སྙན་གྲགས་ཁོ་ན་ལས་སྐྱེ་འགྲོའི་བདེ་སྐྱིད་དང་ཁོར་ཡུག་ལ་སེམས་པ་ཙམ་འཁོར་མ་མྱོང་བའི་སྨྱོན་པ་ང་ཚོའི་ཚེ་སྲོག་གི་དགྲ་བོ་དེ་ཚོས་བྱས་པ་རེད། དེ་དག་ནི་འཛམ་གླིང་འདིའི་སྤྱི་དགྲ་རེད་ལ། དགོས་སྲོལ་རྒྱུན་གྱི་ཆོས་ལུགས་པ་དེ་ཚོའི་དགོས་དགྲ་རེད། ཁོ་ཚོས་ཅ་ལག་དང་ཉེར་སྤྱོད་གསར་པ་བཏོན་དུས་ང་ཚོའི་གནས་ཚང་ལ་ཉེས་སྐྱོན་རེ་ཐེབས་ངེས་རེད་ལ། མིའི་ཤེས་རྒྱུད་ལ་སྔར་མེད་པའི་འདོད་རྔམ་གསར་བ་དང་སྡུག་བསྔལ་སྣོན་མ་རེད་ཡོང་ངེས་རེད། གང་ཡིན་ཞེ་ན་ཁོ་ཚོས་བཟོས་པའི་ཉེར་སྤྱོད་རེ་རེ་ལ་ཚོད་ལྟའི་བྱ་བ་དེ་དག་བཟོ་གྲའི་ནས་བྱས་དགོས་ཤིང་། བཟོ་གྲའི་སྒུལ་ཤུགས་དང་སྲེག་སྦྱོར་གྱི་དུད་པ་དེ་དག་གིས་གོ་ལའི་ཚ་ཤུགས་ཆེ་རུ་གཏོང་བ་དང་། དེ་དག་གི་རྒྱུ་འཅའ་གོ་ལིའི་རི་ངོགས་ནས་གཅད་པའམ། ས་འོག་ནས་བརྔོག་དགོས་པ་ལས་གནམ་ནས་འབབ་མི་སྲིད་ལ། ཚན་རིག་པས་སྤྲུལ་མི་ནུས། ཉེར་སྤྱོད་དེ་དག་ལེགས་གྲུབ་བྱུང་རྗེས་བརྙན་འཕྲུལ་དང་ཚགས་པར་ཁག་ནས་སྐྱེ་འགྲོའི་མིག་ལམ་ཏུ་བལྟར། དེ་དག་མཐོང་ཚོད་ལ་བལྟ་ན་སྡུག་ཅིང་ཡོད་དབང་འཕྲོག་ནུས་པ་རྐྱང་རྐྱང་རེད་དེ། དེའི་སྔ་མིའི་འབྱུང་ཁུངས་དང་ཕྱི་མིའི་འབྲས་བུ་དག་ལ་བསམ་གཞིག་ཡང་དག་པ་ཞིག་བྱས་ཐུབ་ན་གཟོད་ངོ་མ་འཆི་བདག་གསོན་པོ་ལས་གནོད་སྐྱོན་ཆེ་ཞིང་དགྲ་མི་ཤ་བོ་ལས་སྙིང་ན་ངེས་ཡིན།

123.192.184.22012:53, 16 March 2011